发布信息

拉萨展览|འབའ་རྡེའུ། 河边的故事大王

作者:本站编辑      2026-04-19 17:29:13     0
拉萨展览|འབའ་རྡེའུ། 河边的故事大王

རྩ་འཛུགས།发起

དྲི་མེད་ཤེས་རབ།無垢知恵

སྒྱུ་རྩལ་པ།艺术家

རྡོ་རྗེ་ཚེ་བརྟན། ལིའུ་དབྱི་ལྷ་མོ།多杰才旦、刘玥拉姆

འགྲེམས་སྟོན་བྱེད་སྒོ། 展览开幕

2026.04.26 14:30

འགྲེམས་སྟོན་དུས་ཚོད།展览时间

2026.04.26——05.26 12:00——20:00

 ས་གནས།地址

西藏自治区拉萨市城关区两岛街道仙足岛生态小区东北门最东侧SC Creative Space


展览「河边的故事大王」是無垢知恵发起的一次特别企划,在無垢知恵于拉萨的线下空间展开。展览除了展出多杰才旦与刘玥拉姆两位艺术家的摄影、绘画与装置以外,不同的视觉叙事还配有一些来自青海湖牧区的故事。在过去的牧区,故事就是宝藏,能讲述许多故事的人是富有的。故事掌握了全然的地方叙述权,是地方本位的,是具有文学性的档案,反对了外部结构化的阐释权威,在文化垄断严重的今天能夺回对所属土地的解释权。故事可以是传说,也可以是历史。故事不介意真假,也无需考究的溯源。很多时候,故事是具体之爱的容器——长者的爱,部族的爱甚至祖先的爱。展览的汉文名称由藏文名称འབའ་རྡོའུ转译,字面意思是河边的小石头,但འབའ་还有羊叫的意思,因此就有了“河边的故事大王”。

འབའ་རྡེའུ།༽ཞེས་པའི་བྱ་འགུལ་འདི་ནི་དྲི་མེད་ཤེས་རབ་ཀྱིས་རྩ་འཛུགས་བྱས་ཤིང་ལྷ་སའི་དྲི་མེད་ཤེས་རབ་སྐུད་འོག་བར་སྟོང་དུ་སྤེལ་བཞིན་ཡོད།འགྲེམས་སྟོན་ཐོག་སྒྱུ་རྩལ་པ་རྡོ་རྗེ་ཚེ་བརྟན་དང་ལིའུ་དབྱི་ལྷ་མོ་གཉིས་ཀྱི་པར་ལེན་དང་རི་མོའི་བརྩམས་ཆོས་དང་།སྒྲིག་ཆས་སྣ་ཚོགས་ཕུད་མཐོང་ཚོར་མི་འདྲ་བའི་དོན་བརྗོད་ལ་ད་དུང་མཚོ་སྔོན་པོའི་འབྲོག་ཕྱོགས་ཀྱི་གཏམ་རྒྱུད་ཁ་ཤས་བཀོད་སྒྲིག་བྱས་ཡོད། འདས་ཟིན་པའི་འབྲོག་ཁུལ་དུ་གཏམ་རྒྱུད་ནི་རིན་པོ་ཆེ་ཡིན་པ་དང་གཏམ་རྒྱུད་མང་པོ་བརྗོད་ཐུབ་མཁན་ནི་ཕྱུག་པོ་ཞིག་ལ་ངོས་བཟུང་ཆོག གཏམ་རྒྱུད་ཀྱིས་རྩ་བའི་ཆ་ནས་ས་གནས་ཀྱི་གསལ་བཤད་དབང་ཆ་འཛིན་ཐུབ་ཡོད་ལ་ས་གནས་རང་ཉིད་དཀྱིལ་སྙིང་དུ་བཟུང་ཡོད།དེ་ནི་རྩོམ་རིག་རང་བཞིན་ལྡན་པའི་ཡིག་ཚགས་ཤིག་ཡིན་ལ།ཕྱི་རོལ་གྱི་སྒྲིག་གཞི་ཅན་གྱི་གསལ་འགྲེལ་དབང་གྲགས་ལ་ངོ་རྒོལ་བྱས་ཡོད་པར་མ་ཟད།རིག་གནས་སྒེར་སྡེམ་ཚབས་ཆེ་བའི་ད་ལྟའི་ཆར་ཁོངས་གཏོགས་ས་ཆའི་འགྲེལ་བཤད་དབང་ཆ་ཕྱིར་འཕྲོག་ཐུབ་པར་གྱུར་ཡོད།གཏམ་རྒྱུད་ནི་ངག་རྒྱུན་ཡིན་ཆོག་ལ་ལོ་རྒྱུས་ཀྱང་ཡིན་ཆོག གཏམ་རྒྱུད་ནི་བདེན་རྫུན་ལ་དོ་སྣང་བྱེད་མི་དགོས་ལ་ཞིབ་འཇུག་གི་ཁུངས་འདེད་ཀྱང་མི་དགོས།སྐབས་མང་པོ་ཞིག་ལ་གཏམ་རྒྱུད་ནི་བརྩེ་བ་ཡི་སྣོད་ཆེན་པོ་ཞིག་སྟེ།དེ་ནི་རྒན་པའི་བརྩེ་བ་དང་ཚོ་བའི་བརྩེ་བ།ཐ་ན་མེས་པོའི་བརྩེ་བ་ཡང་ངོ་།།ཐེངས་འདིའི་འགྲེམས་སྟོན་གྱི་རྒྱ་ཡིག་གི་མིང་ནི་བོད་ཡིག་གི་མིང་འབའ་རྡེའུ་ཞེས་པ་ལས་བསྒྱུར་བ་དང་།ཡིག་ངོས་ཀྱི་ནང་དོན་ནི་ཆུ་འགྲམ་གྱི་རྡེའུ་ཆུང་ཆུང་ཞེས་པའི་དོན་ཡིན་ལ།དེ་ལས་河边的故事大王་ཞེས་པ་བྱུང་ངོ་།།

在無垢知恵相对有限的空间里,「河边的故事大王」以视觉和文本双重形式试图提供一种沉浸的情绪体验,以及高原牧区的地缘身体感知。展览中的图像意图带观者回到今天的牧区或朝圣神地。然而,摄影作品中的牧区位于青海刚察县和天峻县交界处,这里曾经有过一片巨大的煤矿矿区,现已填平,煤渣堆出了一座新的山。这些矿区曾经也是牧民的草场,是生计、生态关系、季节性移动发生的场域。成为现代主体的储备资源后,原本的游牧时间也被地质开采的线性逻辑所取代。现代性的眼睛可能被用来探矿、测绘、评估,而这次展览的作品希望带观者进入放牧时的眼睛,阅读草、水、风、兽迹。

དྲི་མེད་ཤེས་རབ་ཚང་གི་བལྟོས་བཅས་ཀྱི་ཚད་ཡོད་པའི་བར་སྟོང་ནང་༼འབའ་རྡེའུ།༽གྱིས་མཐོང་ཚོར་དང་ཡིག་ཆ་ཉིས་བརྩེགས་ཀྱི་རྣམ་པའི་ཐོག་ནས་ཤུགས་དྲག་པའི་སེམས་ཁམས་ཀྱི་མྱོང་ཚོར་ཟབ་མོ་ཞིག་དང་དེ་བཞིན་ས་མཐོའི་འབྲོག་ཁུལ་གྱི་ས་བབ་ཀྱི་ལུས་པོའི་ཤེས་ཚོར་ཞིག་མཁོ་འདོན་བྱེད་རྩིས་ཡོད། འགྲེམས་སྟོན་ཁྲོད་ཀྱི་པར་རིས་ཀྱིས་ལྟད་མོ་བ་རྣམས་དེ་རིང་གི་འབྲོག་ཁུལ་ལམ་ཡང་ན་གནས་མཇལ་དུ་འཁྲིད་རྩིས་ཡིན།པར་ལེན་བརྩམས་ཆོས་ཁྲོད་ཀྱི་འབྲོག་ཁུལ་ནི་མཚོ་སྔོན་པོ་རྐང་ཚ་དང་ཐེམ་ཆེན་རྫོང་གི་འབྲེལ་མཚམས་སུ་གནས་ཤིང་འདི་གར་དེ་སྔ་རྡོ་སོལ་གཏེར་ཁུལ་ཧ་ཅང་ཆེན་པོ་ཞིག་ཡོད་ལ་ད་ཆ་སྙོམས་སྒྲིག་བྱས་ཟིན་པ་དང་རྡོ་སོལ་གྱི་སྙིགས་རོ་རི་བོའི་གཏོས་དང་མཉམ་ཡོད། གཏེར་ཁུལ་དེ་དག་ཀྱང་དེ་སྔ་འབྲོག་པའི་རྩྭ་ས་ཡིན་པ་དང་འཚོ་ཚིས་དང་སྣོད་བཅུད་འབྲེལ་བ་དང་དུས་ཚིགས་རང་བཞིན་གྱི་སྤོ་འགུལ་ཐོན་ཡུལ་ཡང་ཡིན།དེང་རབས་ཀྱི་གྲུབ་ཆ་གཙོ་བོའི་གསོག་འཇོག་ཐོན་ཁུངས་སུ་གྱུར་རྗེས་མ་གཞིའི་འབྲོག་པའི་དུས་ཚོད་ཀྱང་ས་གཤིས་སྔོག་འདོན་གྱི་ཐིག་གཤིས་གཏན་ཚིགས་ཀྱིས་ཚབ་བྱས་ཡོད། དེང་རབས་རང་བཞིན་གྱི་མིག་ནི་གཏེར་ཁ་འཚོལ་ཞིབ་དང་།ཐིག་ལེན་རིས་འབྲི།དཔྱད་དཔོག་བཅས་བྱེད་པར་སྤྱོད་སྲིད་མོད།འོན་ཀྱང་ཐེངས་འདིའི་འགྲེམས་སྟོན་གྱི་བརྩམས་ཆོས་ཀྱིས་ལྟད་མོ་བ་རྣམས་ཕྱུགས་འཚོ་སྐབས་ཀྱི་མཐོང་སྣེ་སྤྱད་དེ་རྩྭ་དང་ཆུ།རླུང་དང་གཅན་གཟན་གྱི་རྗེས་ཤུལ་བཅས་ཀློག་རྒྱུའི་རེ་བ་བྱེད་ཀྱི་ཡོད། 

展览中,部分图像辅以短小日常的牧区故事,观众可以获得一张故事纸,展厅空间里也循环着以藏语讲故事的音频。这些故事如隐喻般蜿蜒曲折,却从来没有距离感地邀请读者进入土地。一张两个人开车从牧区去县城的照片配着这样一个故事:

「从前的从前,有一对穷夫妻,他俩躺在海边畅想未来。老公说:“今年春天我要去捡那些挂在树枝上的羊毛卖钱,用这个钱买一个骡子。”说到这儿他老婆插话:“那等你买了骡子记得把骡子借给我,我要回一下娘家。”老公生气了,说:“你这是想累死我的骡子。”他踹了老婆一脚,老婆掉海里淹死了。」

འགྲེམས་སྟོན་ནང་པར་རིས་ཁག་ཅིག་གིས་རྒྱུན་གཏན་གྱི་འབྲོག་ཁུལ་གྱི་གཏམ་རྒྱུད་ཐུང་ངུ་ཞོར་དུ་བཀོད་ཡོད་པས་ལྟད་མོ་བར་གཏམ་རྒྱུད་ཤོག་བུ་ཞིག་རག་ཐུབ་པ་དང་།འགྲེམས་ཁང་གི་བར་སྟོང་དུའང་བོད་སྐད་ཀྱི་ཐོག་ནས་གཏམ་རྒྱུད་བཤད་པའི་སྒྲ་ཟློས་འཁོར་རྒྱུག་བྱེད་བཞིན་ཡོད། གཏམ་རྒྱུད་འདི་དག་གབ་ཚིག་དང་འདྲ་བར་ཀྱག་ཀྱོག་ཡིན་མོད།འོན་ཀྱང་བར་ཐག་གི་སྒོ་ནས་ཀློག་པ་པོ་ས་ཞིང་དུ་གདན་འདྲེན་བྱས་མ་མྱོང་། མི་གཉིས་ཀྱིས་རླངས་འཁོར་བཏང་ནས་འབྲོག་ཁུལ་ནས་རྫོང་གྲོང་དུ་བསྐྱོད་པའི་པར་གཅིག་ལ་གཏམ་རྒྱུད་འདི་འདྲ་ཞིག་བཀོད་སྒྲིག་བྱས་ཡོད་དེ།

སྔོན་ཆད་ཀྱི་སྔོན་ཆད་བཟའ་ཟླ་དབུལ་བོ་གཉིས་མཚོ་འགྲམ་དུ་ལོག་ནས་མ་འོངས་པར་བསམ་བློ་གཏོང་བཞིན་ཡོད། རྒད་པོས"ད་ལོའི་དཔྱིད་ཀར་ང་སྡོང་བོའི་ཡལ་གའི་སྟེང་བཀལ་བའི་ལུག་བལ་དེ་དག་སྒྲུག་ནས་བཙོངས་ཏེ་དངུལ་དེ་སྤྱད་ནས་དྲེལ་ཞིག་ཉོ་རྒྱུ་ཡིན"ཞེས་བཤད་། བཤད་མཚམས་འདིར་སླེབས་དུས་ཁོའི་ཆུང་མས།"དེས་ན་ཁྱོད་ཀྱིས་དྲེལ་ཉོས་རྗེས་དྲེལ་ང་ལ་གཡར་རྒྱུ་མ་བརྗེད་པར་ང་ཡུལ་ལ་ཐེངས་གཅིག་ལོག་དགོས"ཞེས་བཤད་། ཁྱོ་ག་ཁོང་ཁྲོ་ལངས་ནས"ཁྱོད་ཀྱིས་ངའི་དྲེལ་ཐང་ཆད་ནས་ཤི་རུ་འཇུག་འདོད་པ་ཡིན་ནམ"ཞེས་ཟེར་བཞིན་ཆུང་མར་རྡོག་ཐོ་ཞིག་བརྒྱབས་ནས་ཆུང་མ་མཚོ་ནང་དུ་གཡུག

©️Doree

一张大大的小马照片和他妈妈在远处回头望的小小照片配的是这个故事:

「小马的妈妈在他出生的时候和他说:“刚出生的人是瘸子(人要两岁左右才会站起来),刚出生的狗是瞎子(狗要一个月才睁开眼睛)。你赶紧起来,我们要走。”」

རྟེའུ་ཆུང་ཆུང་གི་འདྲ་པར་ཆེན་པོ་དེའི་གཏམ་རྒྱུད་ནི་འདི་ལྟ་སྟེ།

རྟེའུ་དེའི་ཨ་མས་ཁོ་སྐྱེས་པའི་སྐབས་སུ་ཁོ་ལ་བཤད་རྒྱུར།“སྐྱེས་མ་ཐག་པའི་མི་ནི་འཐེང་བོ་ཡིན།༼མི་ནི་ལོ་གཉིས་ཡས་མས་སུ་ད་གཟོད་ཡར་ལངས་ཐུབ༽སྐྱེས་མ་ཐག་པའི་ཁྱི་ནི་ལོང་བ་ཡིན།༼ཁྱི་ཡིས་ཟླ་གཅིག་གི་རྗེས་ནས་ད་གཟོད་མིག་ཕྱེ་བ་ཡིན།༽ཁྱོད་མྱུར་དུ་ཡར་ལོངས་དང་ང་ཚོ་འགྲོ”ཟེར།

©️Doree

故事是被交付的礼物,从来不是单向的。展览邀请观者进入一个需要共同完成的空间,就像不同位置的眼睛会看见镜子反射的不同光芒,新的听者会赋予快要消散的故事以新的延续。如果用放牧时的眼睛四处观察,会说出土地的心事——那是一种安静又绮丽,缓慢而辽阔的发生,似乎土地上一切或死或活的事物本质上都不会被任何一个时代、任何一种主义或任何一种境况束缚。在变成故事大王前,河边的小石头想讲述的是这样一种自由。

གཏམ་རྒྱུད་ནི་གཞན་གྱིས་སྤྲད་པའི་ལེགས་སྐྱེས་ཡིན་པ་ལས་ནམ་ཡང་ཕྱོགས་གཅིག་ཁོ་ན་མིན། འགྲེམས་སྟོན་འདི་ནི་ལྟད་མོ་བ་གདན་འདྲེན་ཞུས་ནས་མཉམ་དུ་ལེགས་འགྲུབ་བྱེད་དགོས་པའི་བར་སྟོང་ཞིག་ཏུ་གྱུར་ཡོད་ལ།དེ་ནི་གནས་མི་འདྲ་བའི་མིག་གིས་མེ་ལོང་གི་ལྡོག་འཕྲོའི་འོད་ཟེར་མི་འདྲ་བ་མཐོང་ཐུབ་པ་དང་འདྲ་བར་ཉན་མཁན་གསར་བས་ཡལ་ལ་ཉེ་བའི་གཏམ་རྒྱུད་ལ་རྒྱུན་མཐུད་གསར་བ་བྱེད་ཐུབ། གལ་ཏེ་ཕྱུགས་འཚོ་སྐབས་ཀྱི་མིག་གིས་ཕྱོགས་བཞིར་ལྟ་ཞིབ་བྱས་ན་ས་ཆེན་གྱི་སེམས་གཏམ་བཤད་སྲིད་དེ།དེ་ནི་ལྷིང་འཇགས་དང་མཛེས་སྡུག་ལྡན་ལ་དལ་ཞིང་རྒྱ་ཆེ་བའི་སྒོ་ནས་བྱུང་བ་ཞིག་ཡིན།ཕལ་ཆེར་ཡུལ་གྲུ་འདིའི་ཤི་གསོན་གྱི་བྱ་དངོས་ཡོད་ཚད་ངོ་བོའི་སྟེང་ནས་དུས་རབས་གང་རུང་ཞིག་དང་རིང་ལུགས་གང་རུང་ཞིག་གམ་གནས་ཚུལ་གང་རུང་ཞིག་གིས་ཚོད་འཛིན་བྱེད་མི་སྲིད་ལ།གཏམ་རྒྱུད་མཁན་དུ་མ་གྱུར་བའི་སྔོན་ལ་ཆུ་འགྲམ་གྱི་རྡེའུ་ཆུང་ཆུང་གིས་བཤད་འདོད་པ་ནི་འདི་ལྟ་བུའི་རང་དབང་ཞིག་གོ།

翻译/达瓦仁青索南

བོད་ཡིག་ཡིག་སྒྱུར།དར་བ་རིན་ཆེན་བསོད་ནམས།


刘玥拉姆认为自己是混合的。她穿梭于藏地与江南而创作,媒介跨越了绘画、装置与写作。近来,她倾向于相对闭关式地将时间花在创作与宗教实践上,她观察藏教传承中对于爱、力量与空性的抽象叙事与传递形式,并思考女性具身经验在其中的参与。她关注后殖民与酷儿理论,受到西苏、李斯佩克朵等人流淌式的女性写作的影响,并试图在自然中寻觅真正自由之真相。

拉姆本科BFA毕业于纽约视觉艺术学院纯艺术系,研究生MFA毕业于与加州艺术学院(Calarts)艺术系。作为艺术家,她曾在美国与中国的不同画廊举办个展,参与中国、日本多个艺术机构的艺术驻留。她也曾为国内大型美术馆策划独立展览,为艺术媒体供稿。如今,她转向专注而安静的独立创作,正在进行一个长期且大型的绘画系列。今年5月,她的个展《爱神之泪与民主之林》将在洛杉矶Cevera Yoon画廊举行。

多杰才旦是無垢知恵主理人。1999年生于海北藏族自治州一个普通牧民家庭,现为常驻拉萨的独立创作者。


相关内容 查看全部